༈ །།སྭ་སྟི། །དང་བའི་མཚོ་སྔོན་སྟེང་ན་རབ་དམར་བའི། །འདབ་བརྒྱའི་པད་སྔོང་ཅུང་ཟད་ལྡེམ་པ་བཞིན། །སེང་སྔོན་སྟེང་ན་གོས་ ལྗང་ལྷབ་ལྷུབ་ཅན། །སྨྲ་བའི་སེང་གེས་རྟག་ཏུ་བདག་སྐྱོངས་ཤིག་ཕྲག་པའི་ངོས་གཉིས་དག་ཏུ་རབ་རྒྱས་པའི། །ཨུཏྤལ་ལྟེ་བར་རལ་གྲི་གླེགས་བམ་ནི། །གཡས་གཡོན་ཕྱག་གི་ཆོས་འཁོར་ཕྱག་རྒྱ་ཡིས། །ཐུགས་ཀར་བཟུང་བ་ཁྱོད་ལ་ཕྱག་འཚལ་ལོ། །འཇམ་དབྱངས་ སྨྲ་སེང་ལ་བསྟོད་པ་ཚོགས་སུ་བཅད་པ་གཉིས་པའང་བློ་བཟང་གྲགས་པས་སྨྲས་སོ།།